འདི་ན་དུས་རབས་ཀྱི་མངལ་ལས་བལྟམས་པའི་སྨོན་ལམ་མཉེན་ཆས་ཀྱིས། མ་འོངས་པར་རྒྱང་འབོད་བྱེད་བཞིན་ཡོད། November 13, 2010
 

སྨོན་ལམ་བོད་ཀྱི་ཐུན་མོངས་སྐད་གདངས་མཉེན་ ཆས།

༡ སྐད་གདངས་མཉེན་ཆས་ཐད་ཀྱི་མཁས་པའི་བགྲོ་ གླེང་ཚོགས་འདུ།

༢ སྐད་གདངས་མཉེན་ཆས་ཐད་ཀྱི་མཁས་པའི་བགྲོ་ གླེང་ཚོགས་འདུ།

༣ སྐད་གདངས་མཉེན་ཆས་ཐད་ཀྱི་མཁས་པའི་བགྲོ་ གླེང་ཚོགས་འདུ།

༤ སྐད་གདངས་མཉེན་ཆས་ཐད་ཀྱི་མཁས་པའི་བགྲོ་ གླེང་ཚོགས་འདུ།

༥ སྐད་གདངས་མཉེན་ཆས་ཐད་ཀྱི་མཁས་པའི་བགྲོ་ གླེང་ཚོགས་འདུ།

 
སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་ལེགས་འགྲུབ་བྱུང་བ།

སྤྱི་ལོ་ ༢༠༡༠ ལོའི་ཟླ་ ༡༡ པའི་ཚེས་ ༡༤ ཉིན་སྨོན་ལམ་ཚིག་མཛོད་ཐོན་རིམ་པོ་སྤྱི་ཚོགས་ཐོག་རིན་མེད་དུ་འགྲེམས་སྤེལ་བྱས་ཡོད། ཚིག་མཛོད་འདི་ལ། ༡ བོད་ཡིག་ཚིག་མཛོད། ༢ དབྱིན་བོད་ཚིག་མཛོད། ༣ བོད་དབྱིན་ཚིག་མཛོད། ༤ གསར་བྱུང་རྒྱུན་བཀོལ་མིང་མཛོད་བཅས་སྡེ་ཚན་བཞིར་དབྱེ་ཡོད། ཚིག་མཛོད་འདིར་བསྡོམས་པའི་མ་ཚིག་ཉིས་འབུམ་ལྷག་ཡོད་པར་མ་ཟད་སྡེ་ཚན་གཅིག་ནས་གཅིག་ལ་བརྒྱུད་ལམ་སྟབས་བདེ་ཞིང་། གློག་ཀླད་ནང་དུ་བོད་དབྱིན་ཡིག་རིགས་ཀྱི་ལས་ཀ་གང་ཞིག་བགྱིས་ནའང་ཚིག་མཛོད་འདིར་འབྲེལ་མཐུད་བྱེད་པར་ཧ་ཅང་སྟབས་བདེ་ཡིན་པས་འབྲི་ཀློག་སྦྱོང་གསུམ་ལ་ཕན་ཐོགས་ངེས་དང་། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྟོང་ཆ་ཆེན་པོ་ཞིག་བསྐངས་ཡོད་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།
ཚིག་མཛོད་འདིའི་བོད་ཡིག་ཚིག་མཛོད་ནི། གྲགས་ཆེ་བའི་བོད་ཡིག་ཚིག་མཛོད་མང་དག་ཅིག་གཞིར་བཞག་ནས་བསྒྲིགས་པ་མ་ཟད་སྒྲིག་སྟངས་ཁ་གསལ་གཤམ་དུ་བཀོད་ཡོད། དབྱིན་བོད་ཚིག་མཛོད་ནི་སྐུ་ཞབས་ཀརྨ་སྨོན་ལམ་ལགས་ཀྱིས་བསྒྲིགས་པའི་དབྱིན་བོད་ཚིག་མཛོད་གསར་མ་གཞིར་བཞག་བྱས་ཡོད་ལ།ཐ་སྙད་གསར་པ་དགོས་གལ་ཆེ་བས་བོད་རྒྱ་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཅེས་པ་བཟོ་བཅོས་གང་ཡང་མེད་རང་སོར་བཞག་ཡོད། ཚིག་མཛོད་འདི་ནི་རིན་མེད་ཁོ་ན་ལས་ཚོང་རྫས་སམ་བཙོང་ནས་ཁེ་བཟང་ལེན་པ་སོགས་གཏན་ནས་བྱེད་མི་ཆོག །

 

སྨོན་ལམ་བོད་ཡིག་༣.༡ ལེགས་འགྲུབ་བྱུང་བ།

སྨོན་ལམ་བོད་ཡིག་༣.༡་ནི་སྨོན་ལམ་བོད་ཡིག་གསུམ་པ་བསྐྱར་བཅོས་དང་། དེ་སྔའི་མཉེན་ཆས་ཁག་ལ་བརྟེན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་། ཤེས་ལྡན་པ་གང་མང་ཞིག་གི་དགོངས་ཚུལ་དང་ལེན་བྱས་ནས་ཐག་གཅོད་བྱས་ཡོད། མཉེན་ཆས་འདིར་ཡིག་གཟུགས་ཁག་བཅུ་གསུམ་ཡོད་པ་ཐམས་ཅད་རྒྱལ་སྤྱིའི་གཅིག་གྱུར་ ཨང་སྒྲིག་(Unicode)གཞིར་བཟུང་ཐོག་བཟོས་ཡོད་པ་མ་ཟད། མཉེན་ཆས་གང་མང་ཞིག་གི་ནང་རྒྱལ་སྤྱིའི་ཨང་སྒྲིག་(Unicode)ཅན་གྱི་བོད་ཡིག་ལ་འཕྲད་བཞིན་པའི་དཀའ་ངལ་ལ་བསམས་ནས། སྨོན་ལམ་བོད་ཡིག་གཉིས་པ་གཞིར་བཞག་ཐོག་བེད་སྤྱོད་གཏོང་ཆོག་པའི་ཁྱད་ཆོས་ལྡན་ཡོད། མཛུབ་གནོན་གྱི་ཐད་ལ། བོད་ཕྱི་ནང་གཉིས་སུ་ཁྱབ་ཆེ་བའི་མཛུབ་གནོན་ཁག་བཞི་བཟོས་ཡོད་པས་རང་མོས་ལྟར་འདེམས་ཆོག གཤམ་གྱི་དཔེ་རིས་ལམ་ནས་སྨོན་ལམ་བོད་ཡིག་གི་འགྲོ་སྟངས་ཤེས་རྒྱུ་གལ་ཆེ། ཡིག་གཟུགས་རྙིང་བ་ཁག་གང་མང་ཞིག་UDP བརྒྱུད་ནས་སྨོན་ལམ་བོད་ཡིག་གསུམ་པར་བསྒྱུར་ཆོག ཡིག་གཟུགས་བསྒྱུར་ཚུལ་ http://www.udp.leighb.com/getstart.htm དྲ་གནས་དེར་གཟིགས་རོགས་གནང་། དེ་སྔོན་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ཡིག་གཟུགས་གང་མང་ཞིག་གིས་དེབ་དང་། དུས་དེབ། ཚགས་ཤོག་སོགས་ཇུས་འགོད་བྱེད་མི་ཐུབ་མོད། སྨོན་ལམ་གསུམ་པ་ནི་རྒྱལ་སྤྱིའི་ཐོག་སྐད་གྲགས་ཅན་གྱི་དེབ་རིགས་ཇུས་འགོད་བྱེད་ཡུལ་Adobe InDesign CS3 མཉེན་ཆས་ནང་། བེད་སྤྱོད་ལེགས་པར་གཏོང་ཐུབ་པས་དཀའ་ངལ་དེ་དག་སེལ་ཐུབ་ཡོད། ཡིག་གཟུགས་ཆེ་ཆུང་ཐད། སྨོན་ལམ་ ༣.༡ དབྱིན་ཡིག་དང་ཆེ་ཆུང་གཅིག་གྱུར་བཟོས་ཡོད་པས་བརྙན་ཡོལ་དང་ཡིག་ཆ་སོགས་བོད་ཡིག་ཐོག་བཞག་ན་ཆེ་ཆུང་དབྱིན་ཡིག་དང་གཅིག་མཚུངས་ཐོག་གནས་ཐུབ། ད་དུང་སྨོན་ལམ་ ༣.༡ ནི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་མ་ལག་གསར་པའི་ནང་བེད་སྤྱོད་ལེགས་པར་གཏོང་ཐུབ་པ་མ་ཟད། ཡིག་ཆ་འཚོལ་བ་དང་ཡིག་སྒམ་སོགས་བོད་ཡིག་ཐོག་ནས་རང་འདོད་ལྟར་བེད་སྤྱོད་གཏོང་ཆོག

 

 

 

 

 
སྨོན་ལམ་བོད་ཡིག་དྲ་ཚིགས་འདིའི་བདག་དབང་གཞན་ལ་མེད་པས་འདིའི་ནང་ཡོད་པའི་མཉེན་ཆས་ཁག་ཚོང་རྫས་ནམ་ཡང་བྱེད་མི་ཆོག