འདི་ན་དུས་རབས་ཀྱི་མངལ་ལས་བལྟམས་པའི་སྨོན་ལམ་མཉེན་ཆས་ཀྱིས། མ་འོངས་པར་རྒྱང་འབོད་བྱེད་བཞིན་ཡོད། March 13, 2011 ....
 

སྨོན་ལམ་བོད་ཀྱི་ཐུན་མོངས་སྐད་གདངས་མཉེན་ ཆས།

༡ སྐད་གདངས་མཉེན་ཆས་ཐད་ཀྱི་མཁས་པའི་བགྲོ་ གླེང་ཚོགས་འདུ།

༢ སྐད་གདངས་མཉེན་ཆས་ཐད་ཀྱི་མཁས་པའི་བགྲོ་ གླེང་ཚོགས་འདུ།

༣ སྐད་གདངས་མཉེན་ཆས་ཐད་ཀྱི་མཁས་པའི་བགྲོ་ གླེང་ཚོགས་འདུ།

༤ སྐད་གདངས་མཉེན་ཆས་ཐད་ཀྱི་མཁས་པའི་བགྲོ་ གླེང་ཚོགས་འདུ།

༥ སྐད་གདངས་མཉེན་ཆས་ཐད་ཀྱི་མཁས་པའི་བགྲོ་ གླེང་ཚོགས་འདུ།

 

སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ།

༄༅། །རང་རེའི་མི་རིགས་ནི་ཤེས་རིག་གི་དར་རྒྱུན་རིང་ཞིང། རིག་གནས་ཀྱི་ལྷུ་ལག་ཡོངས་སུ་རྫོགས་པའི་མི་རིགས་ཁྱད་ཆོས་ཅན་ཞིག་ཡིན། འདས་པའི་བྱུང་རབས་ཁྲོད་རང་རེའི་རིག་གནས་ཀྱིས་འཛམ་གླིང་དུ་ཤུགས་རྐྱེན་མི་དམན་པ་ཐེབས་མྱོང་ཞིང་། ལོ་ངོ་སྟོང་ཕྲག་རིང་མཁས་གྲུབ་གོང་མ་རྣམས་ཀྱིས་སྐུ་ངལ་དཔག་དཀའ་བས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་རང་རེའི་གཙུག་ལག་རིག་པའི་གནས་ནི། དཔལ་ཡོན་ལྡན་པའི་རྒྱལ་ཁབ་དང་མི་རིགས་སུས་ཀྱང་བསྒྲུན་དཀའ་བའི་སྤུས་ཚད་དང་རིན་ཐང་ལྡན་པ་མ་ཟད། རིག་གནས་ཀྱི་སྒོ་མོ་སྣ་ཚོགས་ཆར་རྗེས་ཀྱི་མྱུ་གུ་ལྟར་འབུས་པའི་དེང་གི་དུས་འདིར་ཡང་གནའ་རབས་ནས་བརྒྱུད་པའི་བོད་ཀྱི་རིག་གནས་ལ་བེད་སྤྱོད་དང་ཁྱབ་ཚད་ཀྱི་རིན་ཐང་སྔར་མུས་བཞིན་གནས་ལ། དཔལ་འབྱོར་གྱི་མཐོ་རླབས་དྲག་ཏུ་འཕྱུར་བའི་ཟང་ཟིང་གི་ཀློང་རིམ་འདིར་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་གཞན་དྲིང་མི་འཇོག་པའི་ཞབས་འདེགས་བསྒྲུབ་ཐུབ་ངེས་ཡིན། དེ་ལྟའི་རིག་གནས་ཀྱི་རྩ་བ་དང་། རང་རེའི་མི་རིགས་ཀྱི་སྲོག་ཟུངས་ནི་བོད་ཀྱི་སྐད་ཡིག་གཉིས་ལས་མ་འདས་ཤིང་། སྐད་ཡིག་གི་སྤུས་ཚད་མཐོར་འདེགས་དང་། བེད་སྤྱོད་ཇེ་ཆེ། ཁྱབ་ཚད་ཇེ་རྒྱས་སུ་གཏོང་རྒྱུ་ནི་བོད་མི་རྣམས་ལ་ལོ་རྒྱུས་ཀྱིས་བསྩལ་བའི་འགན་འཁྲི་ལྡོག་དཀའ་བ་དེ་ལགས་པས། གུས་པ་རང་ཉིད་ཀྱང་མི་རིགས་འདིའི་བུ་ཕྲུག་ཅིག་ཏུ་སྐྱེས་པའི་རང་རྟགས་དང་། ད་ལྟའི་བར་ལུས་སེམས་གསོ་སྐྱོང་མཛད་པའི་དྲིན་ཅན་དག་ལ་དྲིན་གཟོ་ཙམ་དུ་དམིགས་ཏེ། སྔ་ཕྱིར་སྨོན་ལམ་བོད་ཡིག་དང་པོ་དང་། གཉིས་པ། གསུམ་པ། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་བཅས་བཟོ་སྐྲུན་འགྲེམས་སྤེལ་བྱས་ཟིན་པ་དང། བོད་ཀྱི་སྤྱི་ཚོགས་དང་བོད་ཡིག་བེད་སྤྱོད་བྱེད་པོ་དག་ལ་ཕན་ཐོགས་མི་དམན་པ་བྱུང་བ་མ་ཟད། སྤྱི་ཚོགས་ཐོག་བསྔགས་བརྗོད་དང་རྒྱབ་སྐྱོར་རམ་འདེགས་ཀྱི་དགོངས་ཚུལ་མང་དུ་བསྟན་པར་སྤྲོ་བས་བརྟས་ཡོད། འོན་ཀྱང་། དུས་ཀྱི་འགྱུར་བ་ཧ་ཅང་རྐྱེན་པའི་སྣང་ཚུལ་འོག་རང་རེའི་མི་རབས་གསར་པའི་འཁུར་དགོས་ངེས་ཀྱི་འགན་འཁྲི་མང་པོ་ཞིག་བདག་མེད་དུ་ལུས་ཡོད་ལ། སྐད་ཡིག་རིག་གནས་ཀྱི་དར་རྒུད་ཀྱང་བློ་འཚབ་སེམས་ངལ་སྐྱེ་བའི་རང་བཞིན་དུ་གནས་པ་དང་། ལྷག་པར་དུ་དེང་དུས་ལག་རྩལ་གྱི་ཐོན་འབྲས་ཁྲོད་ལྷགས་པའི་རང་རེའི་སྐད་ཡིག་གི་སྟོང་ཆ་ནི་བསུབ་དཀའ་བའི་ཚད་དུ་ལྷུང་ཡོད་སྟབས། གུས་པས་རང་ནུས་འདོམས་འཇལ་གྱིས་སྟབས་བདེའི་ཁྱད་ཆོས་ལྡན་པའི་ཚིག་མཛོད་ཅིག་བཟོ་བའི་མགོ་བརྩམས་ཤིང་། ལོ་ངོ་ཧྲིལ་བོ་གཅིག་ལྷག་ལ་གཉིད་བཅགས་ཟས་བརྗེད་ཀྱི་ངལ་བ་བསྟུད་མར་བརྒྱུད་ད་ལྟ་ཡོངས་སུ་ལེགས་གྲུབ་བྱུང་། ཚིག་མཛོད་འདིར་མ་ཚིག་འབུམ་གཉིས་ལྷག་དང་ཡིག་འབྲུ་ས་ཡ་བཞི་ལས་བརྒལ་བ་དང་། དེ་ལས་བོད་ཡིག་ཚིག་མཛོད་ནི། དེ་སྔ་ཁྱབ་རྒྱ་ཆེ་བའི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་རྨང་གཞིར་བཞག་ནས་གྲུབ་ལ། དབྱིན་བོད་ཚིག་མཛོད་ནི་སྐུ་ཞབས་ཀརྨ་སྨོན་ལམ་གྱི་དབྱིན་བོད་ཚིག་མཛོད་གསར་མ་ཞེས་པ་རྨང་གཞིར་བཟུང་ཐོག་ཐ་སྙད་གསར་པའི་འགྲེལ་བཤད་གལ་ཆེ་བ་མང་དག་ཅིག་ཁ་སྣོན་བྱས་པ་དང་། བོད་དབྱིན་ཚིག་མཛོད་ལ་མ་ཚིག་གི་རྣམས་གྲངས་༩༠༠༠༠་ལྷག་ཡོད་པ་དང་། དེ་ཡང་བོད་དབྱིན་ཚིག་མཛོད་སྣ་ཚོགས་ལས་བསྡུས་ཏེ་བོད་ཀྱི་རིག་གནས་ཀྱི་གལ་ཆེ་ས་དང་ཁྱབ་ཡངས་ས་ཤ་སྟག་གིས་གྲུབ་ཡོད། བོད་རྒྱ་དབྱིན་གསུམ་གྱི་རྒྱུན་བཀོལ་གསར་བྱུང་མིང་མཛོད་ལ་སྣོན་འཕྲི་གང་ཡང་མེད་པར་རང་སོར་བཞག་པ་དང་། སྤྱིར་བཏང་གི་ཐ་སྙད་ཕལ་མོ་ཆེར་ཡིག་བསྒྱུར་གྱི་ཆ་རྐྱེན་ཀྱང་འཐུས་ཚང་དུ་ཡོད་སྟབས། ཚིག་མཛོད་འདིས་བོད་དབྱིན་འབྲི་ཀློག་སྦྱོང་གསུམ་དང་། ཡིག་བསྒྱུར་བཅས་ལ་ཕན་ཐོགས་མི་དམན་པ་འབྱུང་ངེས་ཤིང་། རྩོམ་སྒྲིག་ཚན་པ་དང་། ཡུལ་སྐོར་རང་བཞིན་གྱི་རིག་གནས་ལས་རིག་པ་དག་ལ་སྟབས་བདེ་ཞིང་ཆ་རྐྱེན་འཛོམས་པའི་ཞབས་འདེགས་རྒྱ་ཆེར་ཞུ་ངེས་ཡིན། ཚིག་མཛོད་འདི་སྒྲུབ་པའི་སྔ་ཕྱིའི་ལས་རིམ་ཁྲོད་སྙིང་བརྩེ་བའི་གྲོགས་པོ་དག་དང་། འཚོ་བ་དང་མཐུན་རྐྱེན་ཐད་ནས་གཟིགས་སྐྱོང་རིང་དུ་གནང་བའི་སྦྱིན་བདག་ཁག ལས་རོགས་བཅས་ཀྱིས་དཀའ་སྡུག་མཉམ་མྱོང་གི་བརྩོན་པ་རྒྱུན་དུ་བསྐྱེད་སྟབས། ཡིག་འབྲུ་ས་ཡ་འགའི་ཚིག་མཛོད་འདི་བཞིན་དུས་འགྱངས་མ་བྱུང་བར་སྤྱི་ཚོགས་སྟེང་འགྲེམས་སྤེལ་ཐུབ་སོང་བ་ལས། གུས་པ་མི་སྒེར་གཅིག་བུས་ནུས་ཤུགས་ཀྱིས་ལྡང་ཐབས་དཀའ་བས། མཚམས་འདིར་ལྷག་བློ་ལྡན་པའི་ལས་གྲོགས་དག་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། རིག་གཞུང་གི་འགན་འཁྲི་ཁུར་དུ་མངའ་བ་དག་གིས་ཕྱིས་འབྱུང་གི་ལས་རིམ་ཁྲོད་དུའང་སྔར་བཞིན་མཉམ་ཞུགས་དང་རོགས་འདེགས་གནང་བའི་རེ་འབོད་ཞུ་བ་ཡིན།

༢༠༡༠། ༡༡། ༡༤ ཉིན།འདི་ནས་ཐད་ཀར་ཕབ་ལེན་གནང་རོགས་་་་་་་་།ཡང་དྲ་བྱང་གཞན་འདི་ནས་ཕབ་ལེན་གནང་རོགས་་་་་་་་།

Windows Xp ནང་སྒྲིག་འཇུག་བྱེད་པར་དཀའ་ངལ་འདུག་ན་སྔོན་ལ་མཉེན་ཆས་འདི་ཕབ་ལེན་བྱས་ནས་སྒྲིག་འཇུག་བྱ་དགོས། དེ་ནས་སྨོན་ལམ་ཚིག་མཛོད་སྒྲིག་འཇུག་གནང་རོགས། དབྱིན་ཡིག་གློག་ཀླད་ཅན་ནང་ཕབ་ལེན་་་་་། རྒྱ་ཡིག་གློག་ཀླད་ཅན་ནང་ཕབ་ལེན་་་་་།

 

སྨོན་ལམ་བོད་བོད་ཡིག་༣.༡

སྨོན་ལམ་བོད་ཡིག་༣.༡་ནི་སྨོན་ལམ་བོད་ཡིག་གསུམ་པ་བསྐྱར་བཅོས་དང་། དེ་སྔའི་མཉེན་ཆས་ཁག་ལ་བརྟེན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་། ཤེས་ལྡན་པ་གང་མང་ཞིག་གི་དགོངས་ཚུལ་དང་ལེན་བྱས་ནས་ཐག་གཅོད་བྱས་ཡོད། མཉེན་ཆས་འདིར་ཡིག་གཟུགས་ཁག་བཅུ་གསུམ་ཡོད་པ་ཐམས་ཅད་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་(Unicode)གཞིར་བཟུང་ཐོག་བཟོས་ཡོད་པ་མ་ཟད། མཉེན་ཆས་གང་མང་ཞིག་གི་ནང་རྒྱལ་སྤྱིའི་ཨང་སྒྲིག་(Unicode)ཅན་གྱི་བོད་ཡིག་ལ་འཕྲད་བཞིན་པའི་དཀའ་ངལ་ལ་བསམས་ནས། སྨོན་ལམ་བོད་ཡིག་གཉིས་པ་གཞིར་བཞག་ཐོག་བེད་སྤྱོད་གཏོང་ཆོག་པའི་ཁྱད་ཆོས་ལྡན་ཡོད། མཛུབ་གནོན་གྱི་ཐད་ལ། བོད་ཕྱི་ནང་གཉིས་སུ་ཁྱབ་ཆེ་བའི་མཛུབ་གནོན་ཁག་བཞི་བཟོས་ཡོད་པས་རང་མོས་ལྟར་འདེམས་ཆོག གཤམ་གྱི་དཔེ་རིས་ལམ་ནས་སྨོན་ལམ་བོད་ཡིག་གི་འགྲོ་སྟངས་ཤེས་རྒྱུ་གལ་ཆེ། ཡིག་གཟུགས་རྙིང་བ་ཁག་གང་མང་ཞིག་UDP བརྒྱུད་ནས་སྨོན་ལམ་བོད་ཡིག་གསུམ་པར་བསྒྱུར་ཆོག ཡིག་གཟུགས་བསྒྱུར་ཚུལ་ http://www.udp.leighb.com/getstart.htm དྲ་གནས་དེར་གཟིགས་རོགས་གནང་། དེ་སྔོན་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ཡིག་གཟུགས་གང་མང་ཞིག་གིས་དེབ་དང་། དུས་དེབ། ཚགས་ཤོག་སོགས་ཇུས་འགོད་བྱེད་མི་ཐུབ་མོད། སྨོན་ལམ་གསུམ་པ་ནི་རྒྱལ་སྤྱིའི་ཐོག་སྐད་གྲགས་ཅན་གྱི་དེབ་རིགས་ཇུས་འགོད་བྱེད་ཡུལ་Adobe InDesign CS3 མཉེན་ཆས་ནང་། བེད་སྤྱོད་ལེགས་པར་གཏོང་ཐུབ་པས་དཀའ་ངལ་དེ་དག་སེལ་ཐུབ་ཡོད། ཡིག་གཟུགས་ཆེ་ཆུང་ཐད། སྨོན་ལམ་ ༣.༡ དབྱིན་ཡིག་དང་ཆེ་ཆུང་གཅིག་གྱུར་བཟོས་ཡོད་པས་བརྙན་ཡོལ་དང་ཡིག་ཆ་སོགས་བོད་ཡིག་ཐོག་བཞག་ན་ཆེ་ཆུང་དབྱིན་ཡིག་དང་གཅིག་མཚུངས་ཐོག་གནས་ཐུབ། ད་དུང་སྨོན་ལམ་ ༣.༡ ནི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་མ་ལག་གསར་པའི་ནང་བེད་སྤྱོད་ལེགས་པར་གཏོང་ཐུབ་པ་མ་ཟད། ཡིག་ཆ་འཚོལ་བ་དང་ཡིག་སྒམ་སོགས་བོད་ཡིག་ཐོག་ནས་རང་འདོད་ལྟར་བེད་སྤྱོད་གཏོང་ཆོག ༢༠༡༠། ༡༡། ༡༤ ཉིན།

འདི་ནས་ཕབ་ལེན་གནང་རོགས་་་་་་་་།

 

སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་མཉེན་ཆས་ངོ་སྤྲོད།

༄༅། །མི་ལོ་སྟོང་ཕྲག་གི་སྔོན་ལ་མདོ་དབུས་ཁམས་གསུམ་གྱི་སྐད་གདངས་གཅིག་གྱུར་ཡིན་མིན་མ་ངེས་ཀྱང་། དེང་སྐབས་ལུང་ཚན་རེར་ཡང་སྐད་གདངས་མི་འདྲ་བ་རེ་ཡོད་པས་མི་རིགས་ནང་ཁུལ་ཕན་ཚུན་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་ལ་གདོང་ལེན་དང་། མི་རིགས་གཞན་གྱིས་བོད་སྐད་སྦྱོང་བར་སྟབས་བདེ་འབྱུང་ཆེད་གུས་པས་བོད་ཕྱི་ནང་གི་མཁས་དབང་དང་ཤེས་ཡོན་ཅན་གང་མང་ཞིག་གི་དགོངས་ཚུལ་བསྡུ་ལེན་དང་འབྲེལ། སྔོན་བྱོན་མཁས་པའི་ཁུངས་ལྡན་བརྡ་སྤྲོད་འགའ་གཞིར་བྱས་ཤིང་། སྒྲ་གདངས་ལ་ཞིབ་འཇུག་གང་ཐུབ་ཀྱིས་དུས་བསྟུན་དགོས་མཁོའི་ཆེད་འབད་པ་བརྒྱ་ཕྲག་གིས་བསྒྲུབས་ཤིང་། བོད་ལ་ཐུན་མོང་གི་སྐད་གདངས་ཤིག་ཡོང་ཆེད། གཙོ་བོ་ཡི་གེ་གྲངས་བཞི་བརྒྱ་ཉེར་བཞི་ལ་སྒྲ་གདངས་དང་། སྐྱེ་གནས། བྱེད་པ། རྩོལ་བ། དྲག་ཞན། རླུང་ཤུགས་ཆེ་ཆུང་སོགས་ཡི་གེ་གཅིག་ལ་འགྲེལ་བཤད་ཁག་དགུ་རེ་བྱས་ཡོད་པ་དང་། དེ་ཡང་བློ་རབ་འབྲིང་ཐ་གསུམ་ལ་དམིགས་ནས་མིག་གི་མཐོང་རྒྱུ་དང་རྣ་བས་གོ་རྒྱུ་ཡོད་པར་བཟོས་ཡོད། འདི་ལ་ཐོག་མར་དབྱངས་གསལ་སྦྱོར་ཀློག་ནས་མིང་ཚིག་དང་། ཞེ་ས། ཚིག་ལྷུག ཚིགས་བཅད། གཏམ་བཤད་བྱེད་སྟངས་སོགས་རྩ་བའི་སྡེ་ཚན་ཁག་དྲུག་ཏུ་དབྱེ་ཡོད། དེ་ཡང་མི་སྣ་དྲུག་ཅུ་ལྷག་གིས་ཕྱར་གྲུ་མཉམ་འདེགས་གནང་ཞིང་། འདིའི་ནང་ཡིག་འབྲུ་གྲངས་ལྔ་ཁྲི་ལྷག་དང་སྐད་དུམ་བུ་ལྔ་སྟོང་ལྷག དེ་བཞིན་གློག་བརྙན་དང་འགུལ་རིས་གྲངས་སུམ་སྟོང་ལྷག པར་རིས་ཆིག་སྟོང་ལྔ་བརྒྱ་ལྷག་གིས་གྲུབ་པའི་མཉེན་ཆས་ཤིག་ཡིན། ད་དུང་འདིར་ཕོ་སྐད་དང་མོ་སྐད་ཆ་ཚང་རེ་རང་མོས་ལྟར་འདེམས་ཆོག་པར་བཟོས་ཡོད། གལ་ཏེ་ཁྱེད་ཀྱི་གློག་ཀླད་ནང་དུ་མཉེན་ཆས་དེ་སྒྲིག་འཇུག་བྱས་ན། བོད་ཀྱི་སྐད་ཡིག་དང་ལྷག་པར་སྒྲ་གདངས་ཐད་ནས་དགེ་རྒན་ཞིག་གོ་ཆོད་ངེས་ཡིན། འདི་ནས་ཕབ་ལེན་གནང་རོགས་་་་་་་་།

 
 
སྨོན་ལམ་བོད་ཡིག་དྲ་ཚིགས་འདིའི་བདག་དབང་གཞན་ལ་མེད་པས་འདིའི་ནང་ཡོད་པའི་མཉེན་ཆས་ཁག་ཚོང་རྫས་ནམ་ཡང་བྱེད་མི་ཆོག